རྒྱལ་གཅེས་དཔའ་བོ་འཕྲིན་ལས་རྣམ་རྒྱལ་ལགས།

ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༡༥ ཉིན་བོད་ནང་གི་ཉིན་གུང་ཆུ་ཚོད་ ༡༢ ཙམ་ལ། ཁམས་དཀར་མཛེས་ཁུལ་རྟའུ་རྫོང་ནས་ཡིན་པ་བོད་མི་འཕྲིན་ལས་རྣམ་རྒྱལ་ཞུ་བ་རང་ལོ་ ༣༢ སོན་པ་ཞིག་གིས། རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་མཁྲེགས་འཛིན་གྱི་སྲིད་བྱུས་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་གནང་འདུག་པ་དང་། སྐབས་དེར་ལུས་ལ་མེ་འབར་ཤུགས་ཆེ་བས་ཁོང་འདས་གྲོངས་སུ་གྱུར་ཡོད་པའི་སྐོར་གནས་ཚུལ་ཐོན་ཡོད།